ཚེ་དྲན་པར་གྱིས།

ཚིག སྦྲ་རྒན་བརྩོན་འགྲུས་རྒྱ་མཚོ།

དབྱངས། བསོད་ནམས་བསྟན་འཛིན།

ལེན་མཁན། བློ་གསལ། ལྷ་མོ་སྒྲོོལ་མ།

དབྱར་ཁ་རེ་རེར་བརྩེ་དྲོད་འབར། །

མེ་ཏོག་རེ་རེར་འཛུམ་ཆུང་གྲོལ། །

སྟོན་མགོའི་རླུང་དང་བ་མོའི་ཁྲོད། །

མེ་ཏོག་རྒས་ཤིང་གཡུ་སྦྲང་འཁེངས། །

ཚེ་ནི་རེ་རེར་ངོས་མེད་ཀྱང་། །

མི་ནི་རེ་རེས་རང་ཉིད་འཚོ། །

སྐྱིད་ན་ཐུང་ལ་སྡུག་ན་རིང་། །

གཉེན་གྲོགས་རེ་རེ་སེམས་ཀྱིས་འཚོས། །

ང་ཚོ་ཤེས་ཤིང་འཛོམས་པ་འདི། །

སྐྱེ་བ་སྔོན་གྱི་ལས་དབང་ཡིན། །

ལན་རེར་འཁོན་ཞིང་འཛིང་ན་ཡང་། །

ནོངས་འགྱོད་དགོངས་དག་ཡོད་པ་གྱིས། །

ང་ཚོ་ཡང་ཡང་འཛོམ་དབང་མེད། །

ང་ཚོ་ཤེས་ཤིང་འཛོམས་པ་འདི། །

སྐྱེ་བ་སྔོན་གྱི་ལས་དབང་ཡིན། །

ལན་རེར་འཁོན་ཞིང་འཛིང་ན་ཡང་། །

ནོངས་འགྱོད་དགོངས་དག་ཡོད་པ་གྱིས། །

ང་ཚོ་ཡང་ཡང་འཛོམ་དབང་མེད། །

དབྱར་ཁ་རེ་རེར་བརྩེ་དྲོད་འབར། །

མེ་ཏོག་རེ་རེར་འཛུམ་ཆུང་གྲོལ། །

སྟོན་མགོའི་རླུང་དང་བ་མོའི་ཁྲོད། །

མེ་ཏོག་རྒས་ཤིང་གཡུ་སྦྲང་འཁེངས། །

ཚེ་ནི་རེ་རེར་ངོས་མེད་ཀྱང་། །

མི་ནི་རེ་རེས་རང་ཉིད་འཚོ། །

སྐྱིད་ན་ཐུང་ལ་སྡུག་ན་རིང་།།

གཉེན་གྲོགས་རེ་རེ་སེམས་ཀྱིས་འཚོས། །

相關文章