摘要:མཛེས་པའི་ཕ་ཡུལ།。ཚིག མཚོ་སྐྱིད།。

མཛེས་པའི་ཕ་ཡུལ།

ཚིག མཚོ་སྐྱིད།

གདངས། བདེ་སྐྱིད། པ་སངས་ཡེ་ཤེས།

གཞས་མ། མཚོ་སྐྱིད།

རི་བོ་གནམ་ལྕགས་འབར་བ། །

བུ་མོ་ང་ཡི་གནས་མཆོག །

དེ་འདྲའི་བརྗིད་ཆགས་ལྡན་པ། །

འདི་ནི་གངས་རིའི་རྒྱན་ཆ། །

གནས་མཚོ་བྲག་གསུམ་མཚོ་མོ། །

བུ་མོ་ང་ཡི་གནས་མཆོག །

དེ་འདྲའི་ཡིད་དུ་འོང་བ། །

འདི་ནི་གངས་རིའི་མཛེས་རྒྱན། །

དལ་བབ་ཉང་ཆུ་རིང་མོ། །

བུ་མོ་ང་ཡི་འཐུང་ཆུ། །

དེ་འདྲའི་དྭངས་ཞིང་གཙང་བ། །

འདི་ནི་བདུད་རྩིའི་རླབས་རྒྱུན། །

གཡུ་མདོག་བཀྲ་བའི་ཀོང་ཡུལ། །

བུ་མོ་ང་ཡི་ཕ་ཡུལ། །

དེ་འདྲའི་མཚར་སྡུག་ལྡན་པ། །

འདི་ནི་འཛམ་གླིང་ཡང་རྩེ། །

相关文章