འབྲོག་མོ།

ཚིག་རྩོམ་མཁན། གཡེ་རུས་རྐང་།

དབྱངས་རྩོམ་མཁན། རྨ་ཆུའི་བློ་བཟང་།

གཞས་གཏོང་མཁན། འཕྲིན་ལས་མཚོ།

ང་འབྲོག་མོ་སྤང་གི་མེ་ཏོག་ཡིན།།

སྤང་མེ་ཏོག་འདྲ་ཞིག་མ་མཛེས་ཀྱང་།།

ལུག་གཡང་དཀར་སྤང་ལ་འཚོ་དུས་སུ།།

སེམས་བརྩེ་བ་སྤང་གི་མེ་ཏོག་ཡིན།།

ང་འབྲོག་མོ་རི་མགོའི་ཁུ་བྱུག་ཡིན།།

བྱ་ཁུ་བྱུག་འདྲ་ཞིག་མ་སྙན་ཡང་།།

ངས་རྫི་གླུ་དབྱངས་ལ་མགུར་དུས་སུ།།

བྱ་ཁུ་བྱུག་ངེད་གཉིས་རྫ་མགོའི་ཡིན།།

ང་འབྲོག་མོ་ལྷས་ཀྱི་བདག་མོ་ཡིན།།

འབྲུ་ཐུལ་མ་ལྷས་རར་བསྐོར་ནས་ཡོད།།

ཞོ་འོ་མའི་རྒྱ་མཚོ་བསྐྱིལ་ནས་ཡོད།།

ང་བུ་མོ་ཁྱིམ་གྱི་གཡང་རྟེན་ཡིན།།

相关文章