摘要:སྤུན་ཟླའི་བརྩེ་གླུ།。གཞས་ཚིག མེ་ཏོག་ལོ་མ།。

སྤུན་ཟླའི་བརྩེ་གླུ།

གཞས་ཚིག མེ་ཏོག་ལོ་མ།

གཞས་དབྱངས། མདངས་ཁྲོད།

གཞས་པ། གཇིཊ་མེད་དབང་ཆེནདང་ཚེས་བཟང་།

བཀྲ་ཤིས།

གངས་ཅན་བོད་ལ་བརྩེ་བ་ཟབ་པའི་སྤུན་ཟླ།།

ཕ་ས་མ་མཚེར་སྲུང་ཞིང་གཅེས་པར་དོན་འགྲུབ།།

བཀྲ་ཤིས།

རིགས་ལ་དགའ་ཞིང་ལྷག་བསམ་ཆེ་བའི་སྤུན་ཟླ།།

སེམས་ཀྱི་རེ་བ་ལས་ཀུན་འགྲུབ་པར་དོན་འགྲུབ།།

བཀྲ་ཤིས།

སྐྱིད་སྡུག་མྱངས་རོགས་ལས་དབང་གཅིག་པའི་སྤུན་ཟླ།།

ཡང་ནས་ཡང་དུ་སྐྱིད་ཀྱང་བདེ་བར་དོན་འགྲུབ།།

བཀྲ་ལ་ཤིས་པའི་སྨོན་འདུན་ཞུ།།

དོན་ལ་འགྲུབ་པའི་སྨོན་འདུན་ཞུ།

ཁྱོད་དང་འུ་གཉིས་འཕྲད་ས་ཁ་བ་ཅན་རེད།།

བྱ་བ་ཕལ་ཆེར་ཁ་ཕྱོགས་གཅིག་རེད་དོན་འགྲུབ།།

བཀྲ་ཤིས།

ཕ་མའི་བཀའ་དྲིན་ཞེ་ནས་མ་བོར་ཚེ་རིང་།།

མེས་པོའི་སྲོལ་བཟང་རྒྱུད་འཛིན་གྱིས་དང་དོན་འགྲུབ།།

བཀྲ་ཤིས།

མཐུན་པའི་དཔུང་གདང་སེམས་ཀྱི་གཏན་ཡིན་དགའ་སོང་།།

དབྱངས་གསལ་སོ་བཞི་གླུ་རུ་བླངས་བར་དོན་འགྲུབ།།

བཀྲ་ལ་ཤིས་པའི་སྨོན་འདུན་ཞུ།།

དོན་ལ་འགྲུབ་པའི་སྨོན་འདུན་ཞུ།།

བཀྲ་ཤིས།

སེམས་པ་གངས་ལས་དཀར་བའི་སྤུན་ཟླ་བཀྲ་ཤིས།།

མངོན་ལྐོག་མེད་པར་ཁ་དོ་མཚུངས་དགོས་དོན་འགྲུབ།།

བཀྲ་ཤིས།

ལས་དང་རླུང་རྟ་དར་བའི་སྤུན་ཟླ་བཀྲ་ཤིས།།

དཀའ་སྡུག་དུས་སུ་མིག་གིས་རིག་དགོས་དོན་འགྲུབ།།

བཀྲ་ཤིས།

སྤུན་ཟླའི་བརྩེ་བ་འགྱུར་བ་མེད་པར་བཀྲ་ཤིས།།

ཚེ་རིང་ནད་མེད་ལོ་བརྒྱ་ཡོང་བར་དོན་འགྲུབ།།

བཀྲ་ལ་ཤིས་པའི་སྨོན་འདུན་ཞུ།།

དོན་ལ་འགྲུབ་པའི་སྨོན་འདུན་ཞུ།།

相關文章