༼མང་མང་ཉུང་ཉུང་།༽

གཞས་ཚིག མདུང་རྩེ།

གཞས་དབྱངས། ཆོས་འཕེལ་བློ་ལྡན།

གཞས་མ། རྣམ་རྒྱལ་ཆོས་མཚོ།

ཕ་ཡུལ་ཕ་ཡུལ་ཟེར་མཁན་མང་པོ་རེེད་་་ཡེ་ཡེ།

ཕ་ས་བདག་པོ་བྱེད་མཁན་ཉུང་ཉུང་རེེད་་་ཉུང་ཉུང་རེད།

དྲིན་ཆེན་ཕ་མ་ཟེར་མཁན་མང་པོ་རེད།

འོ་ཧོ་་་ཕ་མའི་དྲིན་ལན་མཇལ་མཁན་ཉུང་ཉུང་རེད།

འ་ོཧོ་ཧོ་་་་མང་པོ་རེད་་་མང་པོ་རེད།

ཕ་མ་ཟེར་མཁན་མང་པོ་རེད།

འོ་ཧོ་ཧོ་་་་ཉུང་ཉུང་རེད་་་ཉུང་ཉུང་རེད།

དྲིན་ལེན་མཇལ་མཁན་ཉུང་ཉུང་རེད།

སྙིང་སྡུག་སྙིང་སྡུག་ཟེར་མཁན་མང་པོ་རེད་་་ཡེ་ཡེ།

སྙིང་གཏམ་ངོ་མ་བཤད་མཁན་ཉུང་ཉུང་རེད་་་ཉུང་ཉུང་རེད།

བརྩེ་དུང་བརྩེ་དུང་ཟེར་མཁན་མང་པོ་རེད།

འོ་ཧོ་་་ལྷད་མེད་བརྩེ་དུང་ཡོད་མཁན་ཉུང་ཉུང་རེད།

འོ་ཧོ་ཧོ་་་མང་པོ་རེད་་་མང་པོ་རེད།

བརྩེ་དུང་ཟེར་མཁན་མང་པོ་རེད།

འོ་ཧོ་ཧོ་་་ཉུང་ཉུང་རེད་་་ཉུང་ཉུང་རེད།

བརྩེ་དུང་ཡོད་མཁན་ཉུང་ཉུང་རེད།

གྲོགས་པོ་གྲོགས་པོ་ཟེར་མཁན་མང་པོ་རེད་་་ཡེ་ཡེ།

གྲོགས་པོའི་བརྩེ་བ་ཡོད་མཁན་ཉུང་ཉུང་རེད་་་ཉུང་ཉུང་རེད།

དགྲ་བོ་དགྲ་བོ་ཟེར་མཁན་མང་པོ་རེད།

འོ་ཧོ་་་དགྲ་ལ་གདོང་དུ་ལང་མཁན་ཉུང་ཉུང་རེད།

འོ་ཧོ་ཧོ་་་མང་པོ་རེད་་་མང་པོ་རེད།

དགྲ་བོ་ཟེར་མཁན་མང་པོ་རེད།

འོ་ཧོ་ཧོ་་་ཉུང་ཉུང་རེད་་་ཉུང་ཉུང་རེད།

གདོང་དུ་ལང་མཁན་ཉུང་ཉུང་རེད།

འོ་ཧོ་ཧོ་་་མང་པོ་རེད་་་མང་པོ་རེད་།

ཕ་མ་ཟེར་མཁན་མང་པོ་རེད།

འོ་ཧོ་ཧོ་་་ཉུང་ཉུང་རེད་་་ཉུང་ཉུང་རེད།

དྲིན་ལེན་མཇལ་མཁན་ཉུང་ཉུང་རེད།

དྲིན་ལེན་མཇལ་མཁན་ཉུང་ཉུང་རེད།

དྲིན་ལེན་མཇལ་མཁན་ཉུང་ཉུང་རེད།

相關文章